Search This Blog

Wednesday 22 February 2012

ལོ་གསར་ལུ་བཀྲ་ཤིས་བདེ་ལེགས།།


photo credit: Pema Gyamtso/fb. 


༆  གནམ་ལོ་གསར་དུ་ཚེས་པའི།། བཀྲ་ཤིས་དཔལ་གྱི་དུས་ལ།།
མཁྱེན་ལྡན་ཕོ་མོ་ཡོངས་ལུ།། བཀྲ་ཤིས་བདེ་ལེགས་ཞུ་གེ།།

གནམ་ལོ་ཆུ་ཕོ་འབྲུག་ལོར།། ཆར་ཆུ་དུས་སུ་བབས་པས།།
ལོ་ཕྱུགས་བརྟག་ཏུ་ལེགས་སྟི།། ནད་དང་མུ་གེ་ཞི་ཤོག།།

སྨན་ལྗོངས་སྐྱིད་པའི་དབུས་སུ།། རྒྱལ་བློན་སྐུ་ཚེ་བསྟན་པས།།
འབངས་རྣམས་བདེ་སྐྱིད་ལྡན་ཏི།། དགའ་སྐྱིད་ཕུན་སུམ་ཚོགས་ཤོག ༑༑

No comments:

Post a Comment