Search This Blog

Wednesday, 23 November 2016

Impermanence is the only Truth.

སྲིད་པའི་བདེ་བ་ཟེར་རུང་།། རྩ་རྩེའི་ཟིལ་པ་ཙམ་ཅིག།། 
ཡུན་གཏན་གནས་དབང་མེད་པར།། སྐད་ཅིག་ཙམ་ལུ་ཡལཝ་མས།།

མཛེས་པའི་ཡོན་ཏན་ཟེར་རུང་།། གཡར་གྱི་འཇའ་ཚོན་ཙམ་ཅིག།།
སྣ་ལྔའི་འོད་གདང་ཚང་རུང་།། དངོས་མེད་རང་བཞིན་ཨིན་མས།།

དགའ་མཐུན་གཡས་གཡོན་བསྐོར་རུང།། བདེ་བ་འཁྲུལ་པའི་རྨི་ལམ།།
དམ་ཚིག་ལས་ཀྱི་བྲལ་ཚེ།། སྡུག་བསྔལ་རང་རྐྱང་ཉོ་དགོས།།

རྒྱུ་ལོར་རི་ལས་ཆེ་རུང་།། སྙིང་པོ་ཐལ་བའི་རང་བཞིན།།
མི་ཚེ་རིམ་གྱི་རྫོགས་ཚེ།། ཉོ་བའི་རིན་གོང་མི་ལང་།།

འཁོར་བ་སྙིང་པོ་མེདཔ་ལས།། གཞན་ལ་ཕན་སེནས་བསྐྱེད་དེ།། 
རྙིང་པོ་དམ་པའི་ལྷ་ཆོས།། ཡང་དང་ཡིང་ལས་བསྒྲུབ་གནང་།།


No comments:

Post a Comment