Search This Blog

Sunday 30 October 2016

Autumn Feelings of Larch.

༼སྟོན་ཀའི་ཚོར་སྣང་།༽
***********************

གནམ་དུས་ཚོད་སྟོན་ཀའི་དུས་སུ་ལུ།།
ཤིང་ལོ་ཐོག་འབྲས་བུ་རྒྱས་འདི་གི།།
སམ་ས་གཞི་གསེར་ལུ་འགྱུར་བའི་ཚེ།།
རོགས་མི་རྣམ་དགའ་བའི་སྤྲོ་འཆམ་མས།།
ཡར་སྤང་དང་ནག་གི་འཚམ་མ་ལུ།།
ཤིང་ལས་ངན་ཅན་གྱི་གཟར་ཤིང་ང།།
གནམ་དུས་བཞི་རིམ་གྱི་འགྱུར་འོང་ཚེ།།
སེམས་འཁྲུལ་སྣང་ལང་པའི་གཞི་རང་མས།།

གནམ་དུས་ཚོད་གསོ་ཁའི་དུས་སུ་ལུ།།
རང་དཀའ་སྡུག་སྤྱད་འདི་སྦུབ་ཅུང་སྐྱེས།།
རོག་མེ་ཏོག་སྣ་ཚོགས་ཤར་བའི་དུས།།
རང་མེ་ཏོག་མེད་
་སེམས་རེ་འཁྲུལ།།

གནམ་བྱཱར་སུ་ཆར་ཆུ་འབོལ་བའི་དུས།། 
རང་ཡལ་འདབ་བར་ནང་བྱ་གཅིག་འཁོར།།
སྔོན་ལས་འཕྲོ་ཡིན་པས་བསམ་སོང་པ།།
རང་འབྲས་བུ་མེད་པ་བྱ་དང་འབྲེལ།།


ད་དུས་ཚོད་སྟོན་ཀའི་དུས་སུ་འབབ།།
གནམ་གསིལ་དྲོད་ལྡན་པ་ཡིད་དགའ་བས།།
རང་ཁ་རྡོག་ལེགས་ཚེ་བསམ་འཛོགས་པས།།
བར་རླུང་ནང་གཡབ་ཚེ་ཡིད་རང་བས།།

དུས་ལན་གཅིག་གསེར་ལུ་འགྱུར་སོང་རུང།།
རང་སྦུད་ས་ས་རོག་རྡོ་རོག་ནང།།
གསེར་ཐལ་བར་འགྱུར་བ་ཕང་མི་ཕང།།
ཤིང་ཤོམ་འདབ་མེད་པ་སྐྱོ་མི་སྐྱོ།།


གནམ་དགུན་སུ་ཁཝ་དང་འཁྱེག་གི་ནང།།
ཤིང་རྐམ་པའི་ན་ཟུག་ཕོག་པའི་ཚེ།།
རང་ལས་ངན་ཅན་གྱི་གཟར་ཤིང་གི།།
ཆོས་མི་རྟག་ཨིན་པ་སེམས་ལུ་དྲན།།

ཁྱེད་ཡུལ་ལུ་འཁོར་བའི་མི་རྣམས་ཡང།།
ལ་བྱ་བ་ཆུའི་གཉེར་མ་འདྲ།།
ཚེ་མི་རྟག་ཐུགས་ལུ་དྲན་ཞིནམ་ལས།།
སེམས་དམ་པའི་ཆོས་ལུ་བརྩོན་གནང་ཞུ།།


Photo Courtesy: Downloaded from webs.

No comments:

Post a Comment