Saturday, 11 March 2017

Spring Blossoms

གསོ་ཁའི་མེ་ཏོག།།
དུས་རྒྱུན་ངིའི་ཡིད་ལ།། ཧང་ཧང་དྲན་འདི་འོང་མི།།
གསོ་ཁར་དུས་སུ་ཤར་བའི།། ལྡུམ་རའི་མེ་ཏོག་འདྲ
སོང་།།

བལྟ་བའི་མིག་ཁར་མཛེས་པས།། སྦུབ་ཅུང་རྒྱས་ཏི་འོང་ཚེ།། 
སེར་སྦྱངམོ་རང་གི་སེམས་ཡང་།། དབང་མེད་ཁྱོད་ལུ་ཤོར་སོང་།།

པད་འབད་རླུང་གི་གཡབ་ཏི།། མངར་བའི་སྦྲང་ཙི་རྒྱས་ཚེ།། 
སེར་སྦྱངམོ་སྐོམ་པའི་སྡུག་བསྔལ།། གསལ་བ་བསྐལ་བ་བཟང་ཡོད།།

གཏན་རྐྱང་མཐོང་ས་མེད་རུང་།། གསོ་ཁའི་མེ་ཏོག་བཟུམ་འབད།། 
འཕྲལ་འཕྲལ་ངིའི་སེམས་ཁར།། ཧང་ཧང་འཁོར་འདི་འོང་གནང་།།
Add caption


Galanthus nivalis


Eranthis hyemalis




2 comments:

  1. Lovely photos - thanks for sharing with us. Thanks also for stopping by my blog and commenting this week.

    ReplyDelete
    Replies
    1. Thank you very much for the compliment and visiting my page.

      Delete