Search This Blog

Wednesday 9 February 2011

Curse of Temptation

སེམས༌འཛོལ༌བའི༌ཡུལ༌ལུ༌ཆགས༌པའི༌ན༌ཟུག།།

ས་འཇིག་རྟེན་འཁོར་བའི་འཛམ་གླིང་ནང་།།
སྐྱེཝ་ཕོ་ལུས་ཐོབ་རུང་བློ་ཆུང་སྟེ།།
སེམས་རང་སེམས་རང་གིས་མ་བཟུང་ན།།
རྐྱེན་ངན་པའི་ཕྱོགས་སུ་གཡོ་ནི་འདུག།།

བལྟཝ་མིག་གིས་མཐོང་ས་མེད་རུང་རང་།།
བློའོ་ཧན་པའི་ཚིག་གི་ལྷུ་ནི་འདུག།།
རང་ཐེ་ཚོམ་མེད་པ་བདེན་གཏམ་བཤད།།
འཇུག་བློ་འགྱོད་བསྐྱལ་བའི་གཞི་རང་མས།།

སེམས་རྣམ་རྟོག་མེད་པའི་སྐྱོན་གྱི་འབད།།
བྲོ་ཞིམ་པ་སྨན་གྱི་འདུ་ཤེས་བསྐྱེད།།
ད་ལན་ཅིག་གཟུགས་ལུ་གནོད་པའི་ཚེ།།
དུག་ཨིན་པ་ བློ་འགྱོད་ཧིང་ལས་བསྐྱེད།།

གཟུགས་ཤེལ་དཀར་དམ་སྦྱིས་བཟུམ་བཟོ་ཏེ།།
གཏམ་ཐྲང་གཏམ་གཞ་ལུ་སླབ་ཅི་ང་།།
རོགས་མནོ་ནི་མེད་པའི་དོན་ཧིང་གིས།།
ངིའི་མི་ཚེ་མེས་མེད་བཅོས་ད་ཡི།།

ཏིང་ཟབ་པའི་རྒྱ་མཚོ་ཆེན་པོའི་ནང་།།
རོགས་གསེར་མའི་ཉ་མོ་ལས་ཀྱི་འཁོར།།
ཨའེ་ཉ་པོའི་ལྕགས་ལུ་ཟུན་པའི་ཚེ།།
རོགས་ཉིང་རྗེ་མེད་པར་སྲོག་དང་འབྲལ།།

སེམས་བསམ་ལོགས་གཏང་སྟེ་བལྟ་སོང་པ།།
སེམས་བྱ་སྒྲོ་རླུང་ལུ་བསྐྱལ་ཚར་ནུག།།
དུས་ལན་ཅིག་སྡུག་བསྔལ་མྱོང་ཡོད་རུང་།།
འཇུག་ཤུལ་མ་ཕན་པའི་ཡོན་ཏན་མས།།
སེམས་དྲན་པ་ཐེབས་ཅིག་སྟོན་འདི་གི།།
ལམ་བཟང་པའི་ཕྱོགས་སུ་བརྩོན་དགོ་པས།།      ༑༑
google images

1 comment:

  1. actually i think it is the way of life but i appreciate that you learn something form every step you take.

    ReplyDelete