Search This Blog

Saturday 17 September 2011

The Wind of Affection.

In continuation with  The Unexpressed Love.
རྩང་མོ་བརྩེ་བའི་རླུང་མ།།༽
flowerpictures.net

ལེགས་པའི་གསེར་ཤོག་མེ་ཏོག།། རྒྱ་མཚོའི་ཕར་ཁ་ཤར་རུང་།།
གསིལ་བའི་རླུང་གི་གཡབས་སྟི།། ཟིལ་དངར་ཚུར་ཁ་ལྷོད་སོང་།།
ཚུར་ལོགས་འཕུར་བའི་སེར་སྦྱངམོ།། ཁྱོད་ལུ་ཆག་དབང་མེད་རུང་།།
དྲི་བསུང་ལྡན་པའི་ཟེའུ་འབྲུ།། ཧུམ་པ་བསྐལ་བ་བཟང་སོང་།།

མཛེས་པའི་དཀར་གསལ་ཟླ་བ།། གནམ་མཁའི་དཀྱིལ་ལུ་ཤར་རུང་།།
དགུང་དང་སྤྲིན་གྱི་སྦུག་ལས།། གསིལ་འོད་ས་ཁར་ལྷོད་སོང་།།
མཚོ་ལུ་ཤར་བའི་པདྨ།། གནམ་ཁ་ལྷོད་དུས་མེད་རུང་།།
ཡར་ངོའི་ཟླ་བའི་འོད་བཞིན།། པདྨའི་པད་འདབ་རྒྱས་སོང་།།

སྐུ་དཀར་མདངས་བའི་མཆོས་རྟེན།། བྲག་གི་སྐེད་པ་བཞུགས་རུང་།།
ནང་ཟུངས་བྱིན་རླབས་ཆེཝ་ལས།། སྙན་གྲགས་ཡོངས་ལ་ཁྱབ་སོང།།
ཡུལ་ལུ་འཁྱམ་པའི་ཨ་དྲུང་།། འོ་རྒྱལ་རྟ་རྒྱུག་རྐྱབ་སྟི།།
མཆོས་རྟེན་བསྐོར་དུས་མེད་རུང་།། དད་པ་ཧིང་ལས་བསྐྱེད་སོང་།།

ཡེ་ཤེས་མཁའ་འགྲོའི་རྣམ་སྤྲུལ།། ཤེས་རབ་མཁས་པའི་ཡིད་འཕྲོགམ།།
ཆོས་གྲོགས་འཛོམས་དབང་མེད་རུང་།། སྒྲོན་གཡབ་འབུམ་པའི་རྒྱན་བཟུམ།།
བློ་ཆུང་བུ་ཚུ་རང་དང་།། བརྩེ་བའི་རླུང་གིས་གཡབས་སྟི།།
ད་རིས་གཅིག་ཁར་ཕྱད་པ།། བུ་ང་བསྐལ་བ་བཟང་སོང་།།






No comments:

Post a Comment