Search This Blog

Friday, 2 September 2011

Poignant Reminiscences of a Faraway Girl.


གཉེན་གྲོགས་ཡིད་ལ་དྲན་པའི་རྩོམ།།



ཚེ་སྔོན་སྨོན་ལམ་མཐུན་པའི་འབྲས་བུ་གི།། ཚེ་འདིར་གནམ་བསྐོས་མཐུན་ཏི་གཅིག་ཁར་འཛོམས།།
ཨིན་རུང་ལས་ཀྱི་རླུང་གིས་གཡབ་སྟེ་གི།། ད་རིས་སོ་སོ་ལུས་ཚེ་སེམས་རེ་འཁྲུལ།།

ཁྱོད་ནི་བཞུགས་ས་ལ་དང་ལུང་གི་རྒྱབ།། ང་ནི་འཁྱམས་ས་རྒྱ་ཡུལ་པདྨའི་ཐང་།
སེམས་གཉིས་མཐུན་རུང་ལུས་གཉིས་ཕྱད་ནི་མེད།། ཁ་བྲལ་སོ་སོ་ལུས་ཚེ་སེམས་རེ་འཁྲུལ།།

ཁ་སྐོམ་ཆུ་ལྟར་དྲན་པའི་སེམས་མཐུནམ་ཁྱོད།། ལུས་སེམས་བདེ་བའི་ཐོག་ལུ་བཞུགས་ཡོད་ག།།
ཐག་རིང་བྱང་ལུ་འཁྱམ་པའི་སྤྲང་པོ་ང་།། བུམོ་ཁྱོད་དྲན་པའི་ན་ཟུག་འབག་མ་ཐེག།།

དགའ་བའི་ཆ༌རོགས་ཚུ་དང་གཅིག་ཁར་ལུ།། མི་ཁྲོམ་འཛོམས་སའི་སྦུག་ལུ་བཤལ་འགྱོ་ཚེ།།  
བྱམས་བརྩེ་ཅན་གྱི་དགའ་ཤོསམ་མཐོང་པའི་དུས།། ཡིད་འོང་ཁྱོད་ཀྱི་དགའ་བའི་བརྩེ་གདུང་དྲན།།

མེ་ཏོག་སྣ་ཚོགས་ཤར་བའི་ལྡུམ་རྭ་ནང་།། དྲི་ཞིམ་གསིལ་བའི་རླུང་མ་འཕུར་བའི་དུས།།
བུམོ་ཁྱོད་ངིའི་གི་སེམས་ཁར་ཧང་ཧང་འཁོར།། ཕང་མར་ལེན་དབང་མེད་པར་སེམས་རེ་སྐྱོ།།

སྤྲིན་མེད་ནམ་མཁའི་སྦུག་གི་ཟླ་བ་འདི།། གཟུགས་བརྙན་རྒྱ་མཚོའི་ནང་ལུ་མཐོང་པའི་ཚེ།།
སྨན་ཆུ་ཁྱོད་ཀྱི་ཞལ་གྱི་དཀྱིལ་འཁོར་དྲན།། འཕྲལ་འཕྲལ་མཐོང་ནི་ཡོད་རུང་དགའ་ནི་མས།།

ཐག་རིང་བྱང་ལུ་འཁྱམ་པའི་བུ་ཅུང་ང་།། ལན་ཅིག་གོང་མའི་བཀའ་རྒྱ་འགྲུབ་དགོ་པས།།
ལན་གཉིས་ཕ་མའི་དྲིན་ལན་འཇལ་ཐབས་དང་།། རང་གི་མནོ་བའི་བསམ་དོན་འགྲུབ་དགོ་པས།།

ཕ་ཡུལ་ཕྱོགས་སུ་བཞུགས་མི་གཉེན་གྲོགས་ཁྱོད།། བློ་སེམས་མའགྱུར་དམ་ཚིག་བརྟེན་ཏེ་བཞུགས།།
ལས་སྨོན་མཐུན་པའི་དགའ་མཐུན་ང་བཅས་གཉིས།། འཕྲལ་དང་འཕྲལ་རང་ཕྱད་པའི་སྨོན་ལམ་ཡོད།།


P.S: Initially written as a "missing you message"  to a faraway friend, but later it turned out to be a Poignant Reminiscences of a Faraway Girl. Dedicated to all lovers who miss their faraway soul mates.

4 comments:

  1. Really enjoyed reading this article. And my wish for you, there will surely be a time to get together with your faraway girl...

    ReplyDelete
  2. ཕང་སི་སི་བྲི་ནུག་མས་་་ཁྱོད་ཀྱི་བུམ་རོག་དང་ཁྱོད་ཀྱི་བར་ན་ལུ་ལཱ་དང་བྱ་བ་ཚུ་ལེགས་ཤོམ་འབྱོ་ཅུག་ཟེར་བའི་བཀྲ་ཤིས་སྨོན་ལམ་སྦོམ་ཡོད།།

    ReplyDelete
  3. Glad to learn that you enjoyed reading it la. But its nothing like as Sangay and Penstar has thought but just a simple verse written freely. Nny way thanks la.

    ReplyDelete
  4. Wow! nicely written.....I really liked it as I am also undergoing same situation......Enjoyed reading......

    ReplyDelete