Search This Blog

Friday, 30 September 2011

Happy Royal Wedding.



 ༼རྒྱལ་བཙུན་ཁབ་ཏུ་བཞེས་པའི་དགའ་སྟོན་ལུ༽


Happy Royal Wedding: 


ལེགས་སོ་ལེགས་སོ་སྨན་ལྗོངས་སྐྱིད་པའི་ཡུལ།། ཕྱིའི་ལྕགས་རི་གངས་རིས་རྭ་བས་བསྐོར།།
ནང་དུ་ཡིད་བཞིན་བསམ་པའི་དོན་འསྒྲུབ་པ།། ཆོས་རྒྱལ་པད་གླིང་གདུང་བརྒྱུད་ཕེབས་པར་ལེགས།།

ཆོས་སྲིད་རིང་ལུགས་ཡར་ངོའི་ཟླ་ལྟར་འཕེལ།། ནད་མེད་ཆར་ཆུ་དུས་འབབ་ལོ་ཕྱུག་ལེགས།།
འབངས་རྣམས་ཡིད་དགའ་འབྱོར་ལྡན་སྣང་བ་སྐྱིད།། དབང་ཕྱུག་བརྒྱུད་འཛིན་རྒྱལ་པོའི་རྗེ་དྲན་ཡིན།།

ལུང་བསྟན་རྒྱལ་པོ་མི་དབང་གེ་སར་མཆོག།། རྒྱལ་ཁྲི་ལྔ་པར་འཕེབས་པར་ཁ་རྗེ་བཟང་།།
མི་དབང་རྒྱལ་བཙུན་བཞེས་པའི་སྙན་སྒྲགས་འདི།། འཛམ་གླིང་ཡོངས་ལ་ཁྱབས་པར་རྟེན་བྲེལ་བཟང་།།

གདུང་བརྒྱུད་ལྷ་ལས་འབྱོན་པའི་མངའ་ཞབས་དང་།། གདུང་རབས་སྤང་སྟོད་ཆོས་ཀྱི་ཨ་ཞེས་གཉིས།།
 ལུང་བསྟན་སྤུང་ཐང་བདེ་ཆེན་ཕོ་བྲང་ནང་།། རྒྱལ་བཙུན་མངའ་གསོལ་ཞུ་བ་སེམས་རེ་དགའ།།

ཐབས་དང་ཤེས་རབ་མཐུད་པའི་རྟེན་འབྲེལ་ལུ།། དམ་ཚིག་གཙང་མ་དར་གྱི་མདུད་ཕོད་བཅིང་།།
དབུ་འཕངས་མཐོ་བའི་གསེར་ཁྲི་རྩ་བ་ལུ།། དད་དམ་གཙང་བའི་བཀྲ་ཤིས་ཁ་དར་ཕུལ།།

རྒྱལ་བློན་འབངས་གསུམ་འཛོམས་པའི་འབྲུག་ཡུལ་ནང་།། འདོད་དབང་དཔལ་ཡོན་གོང་ནས་གོང་དུ་འཕེལ།།
པདྨའི་པད་འདབ་མཚོ་ནས་རྒྱས་པ་བཞིན།། ཇི་སྲིད་ནམ་གནས་བར་དུ་བརྟན་པར་ཤོག།།




2 comments:

  1. Awesome tsom man! Loved it...:) Keep posting!

    ReplyDelete
  2. I join along with you to offer my best wishes for the Royal Wedding. Enjoy your vacation...

    ReplyDelete